བོད་དོན་ཆེད་ལས་འགུལ་སྤེལ་ཏེ་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་ཞིག་བྱོས།

Please enter a valid email address.
Fill out this field
ཞིབ་ལྟ།

སྔོན་གླེང་།

༄༅། །འཛམ་གླིང་ཁྱོན་ལ་མི་གྲངས་ས་ཡ་མང་པོར། བོད་ཅེས་པའི་ཐ་སྙད་ཐོས་སྐབས་རང་བཞིན་གྱིས་ཁོང་ཚོའི་ཡིད་ལ་དགའ་ཉམས་ལྡན་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞིན་རས་དང་། གངས་རིས་བསྐོར་བའི་ཡུལ་ལྗོངས། འཛུམ་མདངས་ཀྱིས་ཁེངས་པའི་འབྲོག་པ་དང་། དམ་ཆོས་དབྱངས་སུ་ལེན་བཞིན་པའི་དགེ་འདུན་པ་སོགས་ཀྱི་གཟུགས་བརྙན་ལྷམ་མེར་འཆར་གྱི་ཡོད། འོན་ཀྱང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ནི་དེ་ལས་ལྡོག་སྟེ་ཆེས་ཡིད་སྐྱོའི་གནས་སུ་གྱར་ཡོད། རྒྱ་ནག་གིས་མི་ལོ་ ༥༠ རིང་བོད་ལ་བཙན་བཟུང་བྱས་འབྲས་སུ་བོད་མི་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་མ་ཟད། བོད་ཀྱི་ཐུན་མིན་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༠ རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱས་ཡོད། དེང་སྐབས་རྒྱ་ནག་ཕྱོགས་ཡོངས་ནས་སྟོབས་ཤུགས་ཧ་ཅང་དར་ཞིང་ཡོད་པའི་སྐབས་འདིར་ང་ཚོས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་གྲོས་མོལ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ལམ་ནས་བོད་དོན་ཞི་འགྲིག་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་དགོངས་བཞེས་མཛད་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་དེར་བོད་མི་མང་ཆེ་བས་ཚད་མཐོའི་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་གཞི་ལ་བཞག་སྟེ་དུས་རྟག་ཏུ་འཚེ་མེད་ཞི་བདེ་གོང་འཕེལ་གཏོང་ཐབས་མཛད་མཁན་གྱི་དབུ་ཁྲིད་གཅིག་ཡིན་པ་རླུང་ལྟར་གྲགས་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་འདི་ནི་དེང་སྐབས་འཛམ་གླིང་ནང་དཀའ་རྙོག་ཇི་འདྲ་ཞིག་འཕྲད་ཀྱང་ལངས་ཕྱོགས་གཞན་ཞིག་བཟུང་སྟེ་དཀའ་རྙོག་དེ་དག་འཚེ་བ་མེད་པ་དང་། གྲོས་མོལ། ཕན་ཚུན་བསམ་ཤེས་ཀྱི་གཉིས་ཕན་ལྡན་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་ལྟ་ཚུལ་ཞིག་ཆགས་ཡོད་པས། འདི་ནི་མགོན་པོ་གང་ཉིད་མཆོག་གིས་འཇིག་རྟེན་ཡོངས་ལ་དཀའ་རྙོག་སེལ་ཐབས་ཀྱི་ལེགས་སྐྱེས་ཤིག་ཀྱང་ཡིན། བོད་ཀྱི་གནད་དོན་དེས་དབུ་མའི་ལམ་གྱི་ལངས་ཕྱོགས་བརྒྱུད་ད་ལྟ་དངོས་སུ་འཕྲད་བཞིན་པའི་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་དཔེ་མཚོན་ཞིག་ཆགས་ཡོད། འཚེ་བའི་དུས་སྐབས་འདིར་བོད་མི་རིགས་ཀྱི་ཞི་བའི་ཐབས་རྩོད་ལ་གྲུབ་འབྲས་ཇི་སྨིན་དེས་དེང་སྐབས་འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་ནས་དཀའ་རྙོག་རྣམས་སེལ་དགོས་པའི་གླེང་ཕྱོགས་དེར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་ཡིན། གལ་ཏེ་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཞག་ནས་རྒྱུན་རིང་གནས་པའི་ཆབ་སྲིད་ཀྱི་ལས་འགུལ་དེ་དག་ལམ་དུ་མ་སོང་ན། འཛམ་གླིང་ནང་ཞི་བདེའི་གནས་སྟངས་ཇི་འདྲ་ཞིག་ལ་འགྱུར་གྱི་རེད་དམ། དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཚོས་ལྟ་གྲུབ་དེ་དག་ལ་རྒྱབ་སྐྱོར་མཚོན་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་ཆེར་སྐྱེད་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་སྟེ། རང་ཤེས་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ནག་ལ་གདོང་ལེན་བྱེད་དགོས། འདས་པའི་ལོ་ཤས་རིང་དབུ་མའི་ལམ་གྱི་ལངས་ཕྱོགས་ཀྱི་གོ་རྟོགས་དང་དེ་ལ་རྒྱབ་སྐྱོར་སྔར་ལྷག་འཐོབ་བཞིན་ཡོད་པ་དེས་ང་ཚོར་བློ་སྤོབས་ཧ་ཅང་སྐྱེས་བྱུང་། བཟང་ཕྱོགས་ཀྱི་འགྱུར་འགྲོས་དེ་དག་ད་དུང་ཡར་རྒྱས་ཤུགས་སྣོན་ཡོང་རྒྱུར། སྔར་ཡོད་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཡིག་ཆ་ཁག་ལ་གཞི་བཞག་པའི་ཐོག་ད་ལན་དབུ་མའི་ལམ་གྱི་དྲྭ་རྒྱ་ཞིག་གསར་བཟོ་བྱས་ཡོད། དྲ་རྒྱ་དེའི་ནང་དབུ་མའི་ལམ་གྱི་ངོ་སྤྲོད་དང་། དབུ་མའི་ལམ་གྱི་འབྱུང་རབས་ལོ་ཚིགས། དབུ་མའི་ལམ་དང་འབྲེལ་བའི་ཡོངས་གྲགས་ཀྱི་དྲི་བ་དྲིས་ལན་ཁག་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཡིག་ཆ་དང་བརྙན༌འཕྲིན་གསར་སྐྲུན་ཞུས་པ་རྣམས་དེའི་ནང་ཟུར་འཇོག་བྱས་ཡོད། ཁྱེད་རྣམ་པས་དྲ་རྒྱའི་ནང་གི་གནས་ཚུལ་དེ་དག་སོ་སོའི་གྲོགས་ཉེ་ངོ་ཤེས་སོགས་འབྲེལ་ཡོད་བརྒྱུད་དྲིལ་བསྒྲགས་རྒྱ་ཆེ་གནང་རྒྱུར་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་རྒྱུ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། དེ་སྔའི་བཀའ་ཤག་གོང་མས་གཞི་བརྟན་བཙུགས་པ་དེའི་ཐོག་ཡར་རྒྱས་བཏང་སྟེ་བོད་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༤ ཟླ་ ༥་ཚེས་་༣ ཉིན་བཟང་པོར། སྲིད་སྐྱོང་བློ་བཟང་སེང་གེས།

དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་བཅས་ངོ་སྤྲོད། དེ་འབྲེལ་གསུང་བཤད་དང་གལ་ཆེའི་ཡིག་ཆ་ཁག

MWA-Tibetan-Briefing

སྙིང་བསྡུས།

སྙིང་བསྡུས།

རྒྱུན་གཏན་གྱི་དྲི་བ་དྲིས་ལན།

ལོ་ཚིགས་

ཁ༽ དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ལོ་ཚིགས་ཁག

འདིའི་ནང་ལོ་ཚིགས་གལ་ཆེ་བ་ཁག་མ་གཏོགས་ཚུད་མེད།

དབུ་མའི་ལམ།
ལས་དོན་ལག་བསྟར།

འཚེ་བ་མེད་པ་དང། འབྲེལ་མོལ། མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་མིའི་རང་དབང་བསྐྱར་གསོ་ཡོང་ཐབས་ལ་རྒྱབ་སྐྱོར་དང། དབུ་མའི་ལམ་གྱི་ལས་འགུལ་ཁག་ནང་མཉམ་ཞུགས་བྱ་རྒྱུ།
དེ་ཡང་གཉིས་སྨན་དབུ་མའི་ལམ་ནི་ཞི་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་གཞུང་འབྲེལ་ལངས་ཕྱོགས་ཤིག་ཡིན་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པ་ཡིན།

VIRTUAL OUTREACH

  • དབུ་མའི་ལམ་གྱི་ལས་འགུལ་གྱི་དྲྭ་ཚིགས་དང། དེའི་ནང་འཁོད་པའི་ཡིག་ཆ་ཁག་ལ་ངོ་དེབ་དང། ཀྲིའུ་ཊར། (twitter) གཞན་ཡང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲྭ་རྒྱའི་བརྒྱུད་ལམ་ཁག་ནང་”མོས་མཐུན་”(Like) དང་། “གཞན་དང་མཉམ་སྤྱོད།” (Share) དེ་བཞིན་”མཆན་བུ་” (Comment) འགོད་ཐབས་བཅས་བྱ་རྒྱུ།
  • དབུ་མའི་ལམ་སྐོར་གནས་ཚུལ་མཁོ་སྤྲོད་བྱེད་སྐབས་དྲ་རྒྱྭའི་ཁ་བྱང་འདི་དག་ངེས་པར་དུ་མཉམ་སྦྱར་བྱ་རྒྱུ། #middleway or #umaylam and/ or the website: mwa.tibet.net
  • དབུ་མའི་ལམ་དང་འབྲེལ་བའི་གནས་ཚུལ་དང་ཀྲིའུ་ཊར་ (twitter) རྣམས་མི་མང་གང་མང་ལ་ཁྱབ་སྤེལ་ཡོང་ཐབས་ཞུ་སྐུལ་བྱ་རྒྱུ།
  • སོ་སོའི་སྒེར་གྱི་ཟིན་བྲིས་ནང་ (blog) བོད་ནང་གི་ད་ལྟའི་གནས་སྟངས་དང་དབུ་མའི་ལམ་གྱི་སྐོར་རྩོམ་ཡིག་སྤེལ་རྒྱུ།

MEDIA OUTREACH

  • སོ་སོའི་ས་ཁུལ་ནང་ཡོད་པའི་གསར་འགོད་མི་སྣ་ཁག་དང་འབྲེལ་བ་ཞུས་ཏེ་ས་གནས་བོད་མིའི་གནས་སྟངས་དང་དབུ་མའི་ལམ་སྐོར་གསར་འགྱུར་ནང་འཐོན་ཐབས་བྱ་རྒྱུ།
  • དེ་བཞིན་གསར་ཁང་གི་རྩོམ་སྒྲིག་པར་ཡིག་འཕྲིན་གྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་འགངས་སྤྱི་དང་། ཁྱད་པར་འཚེ་མེད་ཞི་བའི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་བཞིན་པའི་གནས་སྟངས་ངོ་སྤྲོད་ཐུབ་ཐབས་བྱ་རྒྱུ། གཞན་ཡང་དབུ་མའི་ལམ་དང་འབྲེལ་བའི་དྲྭ་རྒྱའི་ཁ་བྱང་ཁག་མཁོ་སྤྲོད་ཐུབ་པ

POLITICAL ADVOCACY

  • སོ་སོའི་ས་གནས་ནང་འོས་འདེམས་བྱས་པའི་འཐུས་མིའམ་འཐུས་མིའི་ལས་ཁུངས་ཁག་ལ་འབྲེལ་ལམ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་ཐུབ་ཐབས་བྱ

COMMUNITY REACH

  • རང་གི་ནང་མི་དང་ཉེ་གྲོགས་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རྒྱུས་སྟོན་བྱ་རྒྱུ།
  • སོ་སོའི་ས་ཁུལ་ནང་ཡོད་པའི་ཚོགས་པ་ཁག་༼དཔེར་ན་ཆོས་ཚོགས་དང་རོ་ཊི་རི་ཀ་ལཕ་(Rotary Club)ལྟ་བུ།༽ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང། ཞི་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགེ་མཚན་ངོ་སྤྲོད་བྱ་རྒྱུ།
  • དེ་བཞིན་བོད་དོན་སྐོར་སྤྱི་དང་། ཁྱད་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོ་སྣང་རྒྱབ་སྐྱོར་བྱེད་མཁན་ཕན་ཚུན་དབར་འབྲེལ་ལམ་འཛུགས་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། བགྲོ་གླེང་ཚོགས་འདུ་དང་དྲི་བ་དྲིས་ལན་སོགས་གོ་སྒྲིག་བྱ་རྒྱུ། དེ་མཚུངས་དམིགས་བསལ་གསུང་བཤད་གནང་མཁན་གདན་འདྲེན་ཞུས་ཏེ་དབུ་མའི་ལམ་གྱི་བརྙན་འཕྲིན་རྣམས་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ། ༼དབུ་མའི་ལམ་གྱི་བརྙན་འཕྲིན་ཁག་ནི་དྲྭ་ཚིགས་འདིའི་མདུན་ཤོག་དང་ཡུ་ཊུཔ་གཉིས་ཀའི་བརྒྱུད་ནས་ལེན་ཐུབ།༽

FOR TIBETANS AND TIBET SUPPORTTERS-AT-LARGE

  • མང་ཚོགས་འདུ་འཛོམས་ཆེ་བའི་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ཚོགས་འདུ་གོ་སྒྲིག་ཞུ་རྒྱུ།
  • དབུ་མའི་ལམ་གྱི་གོ་རྟོགས་ཟབ་ཏུ་གཏོང་ཆེད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་ནང་དོན་ཤེས་རྟོགས་ཐུབ་ཐབས་དང། དེ་བཞིན་རྒྱལ་ཁབ་གཞན་ནང་ཡོད་པའི་རང་སྐྱོང་ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་ཡོང་ཐབས་བྱ་རྒྱུ།
  • མང་ཚོགས་དང་ཉེ་གྲོགས་ཚོར་བོད་དོན་སྐོར་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་བྱ་རྒྱུའི་གོ་སྐབས་བསྐྲུན་ཆེད་བགྲོ་གླེང་ཚོགས་འདུ་དང་། གསུང་བཤད། དེ་བཞིན་ཟབ་སྦྱོང་སོགས་གོ་སྒྲིག་བྱ་རྒྱུ།

CHINESE OUTREACH

  • དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་བཤད་དང། རྒྱ་ཡིག་ཐོག་ཡོད་པའི་དབུ་མའི་ལམ་གྱི་དྲ་རྒྱའི་ཁ་བྱང་འདི་དག་མང་ཚོགས་གང་མང་ལ་འགྲེམས་སྤེལ་བྱ་རྒྱུ། mwa.tibet.net/cn
  • དབུ་མའི་ལམ་གྱི་ནང་དོན་གཙོ་གནད་ཆེ་ཁག དཔེར་ན་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང། དེ་བཞིན་བོད་མིའི་གཞི་རྩའི་དགོས་མཁོ་རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག་བཅུ་གཅིག་ཡོད་པ་རྣམས་ཀྱི་གལ་འགངས་ཟུར་འདོན་ཐུབ་ཐབས་བྱ་རྒྱུ།

SUBSCRIBER FOR EMAIL UPDATES

Please enter a valid email address.
Fill out this field

CONNECT ON SOCIAL NETWORKS

YouTube
Menu